གལ་ཆེའི་གསལ་བཤད། གྲོས་མཐུན་འདི་ནི་ཁྱེད་དང་རུང་ཡོའོ་མཐའ་སྣེ་མ་རྐང་ཚད་ཡོད་ཀུང་སི་(གཤམ་ནས་བསྡུས་ཏེ་རུང་ཡོའོ་ཞེས་འབོད།)བར་གྱི་ལག་ཐོག་ཁ་པར་ལག་རོགས་སྐོར་གྱི་མཐའ་མའི་མཛད་སྤྱོད་ཆོག་མཆན་ཡིན། གལ་སྲིད་ཁྱེད་ཀྱིས་༼ སྒྲིག་སྦྱོར། ༽ཞེས་པར་བསྣན་ན། ཁྱེད་ཀྱིས་གྲོས་མཐུན་འདིའི་སྐོར་ལ་ཞིབ་ལྟ་བྱས་ཡོད་པས་མ་ཟད་དང་ལེན་བྱ་བར་བརྩི་རྒྱུ་ཡིན། 

༡ གྲོས་མཐུན་སྤྱོད་པར་མཚམས་པའི་ཁྱབ་ཁོངས།
གྲོས་མཐུན་འདི་སྤྱོད་པར་མཚམས་པ་ནི་ལག་ཐོག་ཁ་པར་ལག་རོགས་ཁོ་ནའོ དེ་མིན་གྲོས་མཐུན་འདིའི་ནང་ཡོད་པའི་དབང་ཆ་གང་བྱུང་དུ་མཉེན་ཆས་གཞན་ལ་སྤྱད་མི་ཆོག 

༢ དབང་ཆའི་གསལ་བཤད།
མཉེན་ཆས་འདིའི་རིག་གནས་བདག་དབང་རུང་ཡོའོ་གཅིག་པུར་གཏོགས། བརྩམས་བྱའི་བདག་དབང་ཁྲིམས་ལུགས་དང་རྒྱལ་སྤྱིའི་བརྩམས་བྱའི་བདག་དབང་དོན་ཚན། དེ་བཞིན་འོས་ཤིང་མཚམས་པའི་རིག་གནས་བདག་དབང་ཁྲིམས་ལུགས་དོན་ཚན་གཞན་ཁག་གིས་སྲུང་སྐྱོབ་ཡོད།

༣ ཆོག་མཆན་ཁྱབ་ཁོངས།
༣་༡ མཉེན་ཆས་འདི་ནི་རིན་མེད་ཡིན་པས། ཁྱེད་ཀྱིས་ཚོང་དོན་མིན་པའི་ཐོག་ནས་ཕབ་ལེན་དང་སྒྲིག་སྦྱོར་། དེ་བཞིན་མཛད་སྤྱོད་གྲངས་མེད་བྱས་ཆོག
༣་༢ ཁྱེད་ཀྱིས་ཚོང་དོན་མིན་པའི་ཐོག་ནས་མཉེན་ཆས་ཐོན་རྫས་འདི་འདྲ་བཤུས་དང་འགྲེམས་སྤེལ། ཁྱབ་གྲགས་ལ་སོགས་གྲངས་མེད་བྱས་ཆོག ཁྱེད་ཀྱིས་ཐེངས་རེའི་འདྲ་བཤུས་དང་འགྲེམས་སྤེལ། ཁྱབ་གྲགས་ཀྱི་ནང་དོན་ཆ་ཚང་བ་དང་དངོས་གནས་རང་བཞིན་ཡིན་པའི་ཁས་ལེན་དགོས། དེའི་ནང་མཉེན་ཆས་འདིའི་གློག་རྡུལ་ཡིག་ཆ་དང་པར་དབང་། ཚོང་རྟགས།་ད་དུང་གྲོས་མཐུན་འདི་བཅས་ཚུད་དགོས།

༤ དབང་ཆའི་བཀག་སྡོམ།
༤་༡ ཁྱེད་ཀྱིས་མཉེན་ཆས་ཐོན་རྫས་འདིར་ཕྱིན་ཅི་ལོག་པའི་ལས་གཞི་དང་། ཕྱིན་ཅི་ལོག་པའི་སྒྲིག་སྒྱུར་དང་་ཕྱོགས་བསྒྲིགས། དེ་བཞིན་གོ་རིམ་ཡིག་ཆའི་ནང་གི་གནད་དོན་ཀུན་ལ་བཟོ་བཅོས་དང་སྒྲིག་སྒྱུར་བྱེད་མི་ཆོག
༤་༢ ཁྱེད་ཀྱིས་མཉེན་ཆས་དུམ་བུར་བཏང་མི་ཆོག་ལ་མཉེན་ཆས་ཆ་ཚང་དང་ཆ་ཤས་མཉེན་ཆས་མ་ལག་གཞན་པའི་ནང་བཙུད་མི་ཆོག
༤་༣ ཁྱེད་ཀྱིས་མཉེན་ཆས་ནང་གི་པར་དབང་གསལ་བཤད་དང་དྲན་སྐུལ་ནང་དོན་གསུབ་མི་ཆོག
༤་༤ ཁྱེད་ཀྱིས་མཉེན་ཆས་འདི་བེད་སྤྱད་ནས་འབྲེལ་ཡོད་ཀྱི་མཉེན་ཆས་དང་གོ་རིམ་སོགས་གསར་སྤེལ་བྱ་མི་ཆོག
༤་༥ ཁྱེད་ཀྱིས་མཉེན་ཆས་འདིའི་ཕན་ནུས་བེད་སྤྱད་ནས་ཁྲིམས་འགལ་གྱི་བྱ་སྤྱོད་ཅི་ཡང་བྱེད་མི་ཆོག
༤་༦ རུང་ཡོའོ་ཡིས་གྲོས་མཐུན་འདིའི་ནང་མངོན་གསལ་ངང་ཁྱེད་ལ་བརྩལ་མེད་པའི་དབང་ཆ་རང་སོར་བཞག་ཡོད།

༥ ཉེན་ཁའི་དྲན་སྐུལ།
༥་༡ མཉེན་ཆས་འདིས་ད་ཡོད་གནས་ཚུལ་ལ་གཞིར་བཞག་ནས་རྨང་གཞིའི་ཞབས་ཞུ་འཁོ་འདོན་བྱ་རྒྱུ ཡིན་ཡང་ཞབས་ཞུའི་དུས་ཐོག་རང་བཞིན་དང་གནད་འཁེལ་རང་བཞིན་ལ་ཁས་ལེན་གང་ཡང་མི་བྱ།
༥་༢ མཉེན་ཆས་འདིས་འཁོ་འདོན་བྱས་པའི་ཞབས་ཞུའི་ལས་ཀར་ལྡོག་མེད་ཀྱི་རྒྱུ་མཚན་གང་རུང་དང་། གློག་ཀླད་ནད་དུག ཧྰས་ཁྰར་གྱི་གནོད་སྐྱེལ། མ་ལག་ལྷུ་སྒྲིག་མ་ཐུབ་པ་སོགས་ཀྱི་སྐྱོན་ཤོར་བ་དང་གཏན་འཇགས་མེད་པ་སོགས་ཀྱི་གནས་ཚུལ་ལྷག་སྲིད་པས། ཁྱེད་ཀྱིས་དེའི་ཉེན་ཁའི་སྐོར་ཤེས་པར་བརྩི།། རུང་ཡོའོ་དང་འབྲེལ་བ་མེད་པའི་རྒྱུ་མཚན་འོག་གྲངས་ཀའི་ནོར་འཁྲུལ་དང་བོར་བརླག་བྱུང་བར་རྐྱེན། ཁྱེད་ལ་གྱོང་གུན་བཟོས་ཚེ་རུང་ཡོའོ་ཡིས་འགན་འཁྲི་གང་ཡང་མི་འཁྱེར།

༦ བེད་སྤྱོད་ཤེས་བྱ།
༦་༡ མཉེན་ཆས་འདིའི་ཕན་ནུས་ལག་ཐོག་ཁ་པར་སྟེང་ལག་ཐོག་ཁ་པར་ལག་རོགས་སྒྲིག་སྦྱོར་བྱས་ནས་གཞི་ནས་ཐོན་ཐུབ། མཉེན་ཆས་འཁོར་སྐྱོད་བྱེད་པའི་རྒྱུད་རིམ་ནང་སྤྱད་ཆོག་པའི་ལག་ཐོག་ཁ་པར་གྱི་དབང་ཚད་འདི་དག་ཡོད། ཁ་པར་རྒྱག་པ། འཕྲིན་ཐུང་བསྐུར་བ། ཁ་པར་ཨང་གྲངས་འདོན་པ་བཅས་སོ།
༦་༢ མཉེན་ཆས་འདི་གཞུང་ཕྱོགས་ནས་གཉེར་ཞིང་མ་ལག་ལྡན་པའི་ལག་ཐོག་ཁ་པར་ནང་གཞི་ནས་སྤྱད་ཆོག གཞུང་ཕྱོགས་མིན་པའི་མ་ལག་སྤྱོད་མཁན་རྣམས་ལ་རུང་ཡོའོ་ཡིས་ཞབས་ཞུའི་སྤུས་ཚད་གང་ཡང་འགན་ལེན་མི་བྱ།
༦་༣ མཉེན་ཆས་འདི་རྙིང་བསྐྱུར་གསར་ལེན་དང་གོ་རིམ་སྤར་བ་སོགས་བྱེད་སྲིད་པས། ཞབས་ཞུའི་འཁོ་སྒྲུབ་ཀྱི་ཆེད་དུ་ཁྱེད་ཀྱིས་མཉེན་ཆས་འདི་དང་ལག་ཐོག་མཐའ་སྣེ་གཉིས་ལག་ཐོག་ཁ་པར་ལག་རོགས་ཀྱི་གྲངས་རིམ་དང་མཐུན་པ་དགོས།

༧ མཚམས་འཇོག
གལ་སྲིད་ཁྱེད་ཀྱིས་གྲོས་མཐུན་འདིའི་དོན་ཚན་དང་ཆ་རྐྱེན་ཁག་བརྩི་སྲུང་བྱས་མེད་ཚེ། རུང་ཡོའོ་དང་དེའི་ཆོག་མཆན་མི་སྣས་དུས་ནམ་ཡང་གྲོས་མཐུན་འདི་མཚམས་འཇོག་བྱས་ཆོག མཚམས་འཇོག་བྱས་པའི་རྗེས་སུ་ཁྱེད་རང་གིས་ལམ་སང་མཉན་ཆས་འདི་བེད་སྤྱོད་བྱ་མཚམས་བཞག་དགོས། གོང་དུ་འདྲ་བཤུས་བྱས་པ་དང་རྩིས་འཁོར་སྟེང་སྒྲིག་སྦྱོར་བྱས་པའི་མཉེན་ཆས་དང་རྒྱུ་ཆ་ཡོད་ཚད་བསུབ་དགོས།

༨ ཚད་ཡོད་འགན་ལེན།
༨་༡ རུང་ཡོའོ་ཡིས་གྲོས་མཐུན་འདིའི་ནང་ཁས་ལེན་པའི་གནས་ཚུལ་ཕུད། དེ་མིན་གྱི་གང་བྱུང་ཟུར་བརྡ། འཚོང་བྲིན་རང་བཞིན། དམིགས་གསལ་བེད་སྤྱོད་ཐད་མངོན་ལྐོག་གང་རུང་ནས་ཟུར་བརྡའི་ཁས་ལེན་གང་ཡང་མི་བྱེད། དེས་རྐྱེན་འཕྲད་པའི་ཉེན་ཁ་ཁྱེད་ཀྱིས་འགན་ལེན་དགོས།
༨་༢ རུང་ཡོའོ་ཡིས་མི་སྣ་གསུམ་པའི་དབང་ཆར་བཙན་གནོད་མི་བྱེད་པའི་ཁས་ལེན་བྱེད།

༩ ཚད་ཡོད་འགན་འཁྲི།
༩་༡ བློ་ཡུལ་ལས་འདས་པའི་དོན་རྐྱེན་དང་། རང་སོར་གང་བྱུང་བེད་སྤྱོད་པ། ལོག་ནས་སྤྱད་པ། རང་གར་བཟོ་བཅོས་བྱས་པའི་རྐྱེན་གྱིས་འཕྲད་པའི་གནད་དོན་རྣམས་རུང་ཡོའོ་ཡིས་འགན་འཁུར་གང་ཡང་མི་བྱ། དེ་བཞིན་ཁས་ལེན་ཡང་མི་བྱ།
༩་༢ མཉེན་ཆས་བེད་སྤྱོད་ནས་ལྷག་པའི་འབྲེལ་ཡོད་ལྷན་དུ་བྱུང་བ་དང་། ཟུར་དུ་བྱུང་བ། ཆད་གཅོད་རང་བཞིན་གྱི་གྱོང་གུན། ཚོང་ལས་ཁེ་ཕན་དང་དེ་ལས་མི་ཚད་པའི་གྱོང་གུན། ཚོང་དོན་གྱི་མཚམས་འཇོག ཆ་འཕྲིན་དང་གཞི་གྲངས་ཀྱི་བོར་བརླག་བཅས་ལས་རུང་ཡོའོ་ཡིས་སྐྱིན་ཚབ་འགན་འཁྲི་གང་ཡང་མི་འཁུར། དེས་མ་ཚད་རུང་ཡོའོ་ལ་འདི་འདྲའི་གྱོང་གུན་ཡོད་པའི་སྔོན་བརྡ་བཏང་ཡང་ཕན་མི་ཐོག

༡༠ རིམ་སྤར་པར་གཞི།
༡༠་༡ རིམ་སྤར་རྒྱབ་སྐྱོར་གྱི་ཁ་ཆད་ཕུད། མཉེན་ཆས་འདིས་ཕྱིས་སུ་པར་གཞི་རིམ་སྤར་འཁོ་འདོན་ཐུབ་མིན་རུང་ཡོའོ་རང་གིས་ཐག་གཅོད།
༡༠་༢ མཉེན་ཆས་རིམ་སྤར་གྱི་ཆོག་མཆན། གལ་སྲིད་རིམ་སྤར་པར་གཞི་ལ་ཚབ་བྱེད་ཆོག་པའི་མཉེན་ཆས་ཆོག་མཆན་གྲོས་མཐུན་ཡོད་པ་ཕུད། དེ་མིན་རིམ་སྤར་པར་གཞི་གྲོས་མཐུན་འདི་གཞིར་བཟུང་བེད་སྤྱོད་ཆོག
༡༠་༣ གལ་སྲིད་མཉེན་ཆས་དེར་རིམ་སྤར་པར་གཞིའི་གསལ་འགོད་ཡོད་ཚེ། ཁྱེད་ཀྱིས་གྲོས་མཐུན་འདི་ངེས་པར་དུ་བརྩི་བསྲུང་ཞུ་དགོས།

༡༡ དམིགས་གསལ་གྱི་དྲན་སྐུལ།
གྲོས་མཐུན་འདི་དང་འབྲེལ་བའི་བརྡ་ཐོ། འབྲེལ་བ་ཐམས་ཅད་ཡིག་ཐོག་ནས་བསྟར་དགོས།

༡༢ དེ་མིན་དོན་ཚན།
༡༢་༡ གལ་སྲིད་ཁྱེད་རང་ཡོ་རོབ་མཉམ་འབྲེལ་ཚོགས་པའི་མི་ཡིན་ཚེ། གྲོས་མཐུན་འདི་འཇར་མན་གྱི་ཁྲིམས་ལུགས་གཞི་བཟུང་བརྩི་བསྲུང་བྱ་རྒྱུ་ཡིན། ཁྱེད་དང་རུང་ཡོའོ་བར་གྲོས་མཐུན་འདིའི་སྐོར་གྱི་རྩོད་རྙོག་རྣམས་འཇར་མན་གྱི་ཁྲིམས་ཁང་ཁག་ལ་གཏུག་བཤེར་ཐག་གཅོད་བྱ་རྒྱུ གལ་སྲིད་ཁྱེད་རང་དེ་མིན་གྱི་རྒྱལ་སྤྱི་དང་ས་གནས་ཀྱི་སྡོད་མི་ཡིན་ཚེ། གྲོས་མཐུན་འདི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིལས་ལུགས་ལྟར་བརྩི་བསྲུང་བྱ་རྒྱུ གྲོས་མཐུན་འདི་དང་འབྲེལ་བའི་རྩོད་རྙོག་ཐམས་ཅད་སྔོན་ལ་ཞི་བའི་ནང་མོལ་བྱེད་དགོས། དེར་མ་མཐུན་ཚེ། ཧྲིན་ཀྲིན་ལུང་སྒང་ཁུལ་མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་བྱས་ནས་ཐག་གཅོད་བྱ་རྒྱུ །
༡༢་༢ གྲོས་མཐུན་འདིར་ཕྱོགས་གཉིས་ནས་ངག་ཐོག་གྲོས་མཐུན་གང་ཡང་ལྡན་མེད།
༡༢་༣ གལ་སྲིད་གྲོས་མཐུན་འདིའི་ནང་གི་དོན་ཚན་གང་རུང་ཞིག་རྒྱུ་རྐྱེན་གང་རུང་གིས་རྐྱེན་པས་ཕན་ཐོགས་མེད་པ་དང་ལག་བསྟར་བྱེད་པའི་ནུས་པ་མེད་པ་དང་། ཡང་ན་འབྲེལ་ཡོད་ཁྲིམས་ལུགས་གང་ཞིག་དང་འགལ་ཚེ། དོན་ཚན་དེ་བསུབ་པར་བརྩིས་ཆོག ཡིན་ཡང་གྲོས་མཐུན་འདིའི་ནང་གི་དོན་ཚན་གཞན་ད་དུང་མུ་འཐུད་ཕན་ནུས་ཡོད་པ་དང་ཚོད་འཛིན་ནུས་པ་ཡོད།
༡༢་༤ རུང་ཡོའོ་ཡིས་དུས་དང་རྣམ་པ་ཀུན་དུ་གྲོས་མཐུན་འདིར་བཟོ་བཅོས་བྱ་ལ། ཁྲིམས་ལུགས་དང་མཐུན་པའི་སྒོ་ནས་བཅོས་ཚར་བའི་གྲོས་མཐུན་ཡིན་ཆ་ཁྱེད་ལ་བསྐུར་ངེས། གལ་སྲིད་ཁྱེད་རང་རུང་ཡོའོ་ཡིས་གྲོས་མཐུན་ནང་དོན་བཟོ་བཅོས་བྱས་པར་དང་ལེན་མེད་ཚེ། ཁྱེད་རང་ངེས་པར་དུ་ལམ་སང་མཉེན་ཆས་འདི་བེད་སྤྱོད་བྱེད་མཚམས་འཇོག་དགོས། གལ་སྲིད་ཁྱེད་རང་གིས་རུང་ཡོའོ་ཡི་བརྡ་ཐོ་འབྱོར་ཀྱང་མུ་འཐུད་མཉན་ཆས་འདི་བེད་སྤྱོད་བྱས་ཚེ། ཁྱེད་རང་རུང་ཡོའོ་ཡི་གྲོས་མཐུན་བཟོ་བཅོས་ལ་མོས་ཐུན་ཡོད་པར་བརྩི་རྒྱུ །

༡༣ ཆ་ཚང་རང་བཞིན།
གྲོས་མཐུན་འདི་དང་ལྷུ་ལག་བཅས་ཀྱིས་ཕྱོགས་གཉིས་ཀའི་བརྗོད་གཞི་འདིའི་གྲོས་མཐུན་ནང་དོན་ཚང་མ་བསྟན་ཡོད།ད་དུང་མདུན་གྱི་བརྗོད་གཞི་འདི་དང་མཚུངས་པའི་མངོན་ལྐོག་བརྡ་ཐོག་ནས་སྤེལ་བའི་གསལ་བསྒྲགས་དང་གྲོས་ཆོད་ཚང་མ་ཚབ་བྱས་ཡོད། གྲོས་མཐུས་འདིར་རུང་ཡོའོ་ཡི་མཉེན་ཆས་དང་འབྲེལ་བའི་འོས་འགན་ཚང་མ་ཚུད་ཡོད།
