ཧྭ་ཝེའི་ཁ་པར་ལས་རོགས་ཀྱིས་མི་སྒེར་གྱི་ཆ་འཕྲིན་བསྡུ་རུབ་བྱེད་པའི་གསལ་ཐོ།


ཧྭ་ཝེ་(གཤམ་དུ་བསྡུས་མིང་ལ་ང་ཚོ་ཞེས་འབོད་རྒྱུ།)ཡིས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་བླང་བྱར་བརྩི་སྲུང་ནན་པོ་ཞུས་ནས་ཁྲིམས་མཐུན་དང་ལུགས་མཐུན་དེ་ཐོན་རྫས་ཇུས་འགོད་དང་ལས་སྒོའི་ལས་རིམ་ནང་མཉམ་འདྲེས་བྱེད་པ་མ་ཟད། ལས་རིགས་གཅིག་པའི་སྔོན་ཐོན་གྱི་བདེ་འཇགས་ལག་རྩལ་སྤྱད་དེ་གཞི་གྲངས་ཀྱི་བདེ་འཇགས་འགན་ལེན་བྱེད་ཀྱི་ཡོད། དུས་མཚུངས་ང་ཚོས་ཁྱེད་རང་གི་མི་སྒེར་གྱི་ཆ་འཕྲིན་དང་སྒེར་གསང་སྲུང་སྐྱོབ་བྱེད་རྒྱུར་མཐོང་ཧ་ཅང་ཆེན་པོ་བྱས་ནས་མི་ཚང་མའི་སྒེར་གསང་དབང་ཆ་སྲུང་སྐྱོབ་བྱེད་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད། དེར་བརྟེན་ང་ཚོས་སྒེར་གསང་སྲུང་སྐྱོབ་བྱེད་རྒྱུའི་གཞི་རྩའི་རྩ་དོན་5མཐའ་འཁྱོངས་བྱེད་ཀྱི་ཡོད།

གཞི་གྲངས་ཆུང་ཤོས་སུ་སྒྱུར་བ། ལས་སྒོའི་རྩོལ་ནུས་མངོན་འགྱུར་ལ་དགོས་ངེས་ཀྱི་མི་སྒེར་གྱི་གཞི་གྲངས་ཁོ་ན་བསྡུ་རུབ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་ཁྱེད་ཀྱི་དགོས་མཁོར་ཞབས་ཞུ་བྱེད་པ།

གཞི་གྲངས་ཀྱི་སྣེ་ཟུར་ཐག་གཅོད། སྤྱོད་མཁན་གྱི་སྒྲིག་ཆས་ཐོག་ནས་མི་སྒེར་གྱི་གཞི་གྲངས་ཐག་གཅོད་དང་དབྱེ་ཞིབ་འགྲུབ་ཅི་ཐུབ་བྱེད་པ་རྒྱུན་འཁྱོངས་བྱེད་དགོས།

ཕྱི་གསལ་ནང་གསལ་གྱི་ཚོད་འཛིན་བྱེད་ཐུབ་པ། མི་སྒེར་གྱི་གཞི་གྲངས་འཚོལ་སྡུད་བྱེད་སྐབས། གསལ་པོར་དང་ཁ་གསལ་གྱི་སྒོ་ནས་སྤྱོད་མཁན་ལ་ཤེས་སུ་འཇུག་དགོས་པ་མ་ཟད། སྤྱོད་མཁན་གྱིས་གཞི་གྲངས་ཇི་ལྟར་སྤྱོད་དགོས་པ་དང་། དེ་བཞིན་ཇི་ལྟར་ཕྱིར་འཐེན་བྱེད་དགོས་པ་ཤེས་སུ་འཇུག་དགོས།

ཐོབ་ཐང་སྲུང་སྐྱོང་། སྒེར་གསང་ཤུགས་ཆེར་གཏོང་བའི་ལག་རྩལ་སྤྱོད་པ་ལ་བརྟེན་ནས། གཞི་གྲངས་སྤྱོད་མཁན་གྱི་སྒྲིག་ཆས་དང་ཁ་འབྲལ་སྐབས། སྤྱོད་མཁན་གྱི་ཐོབ་ཐང་ཡིབ་སྐུང་བྱེད་པ།

གཞི་གྲངས་བདེ་འཇགས་འགན་ལེན། སྲ་ཞིང་བརྟན་པའི་གཞི་གྲངས་བདེ་འཇགས་ནི་སྒེར་གསང་སྲུང་སྐྱོང་གི་རྨང་གཞི་ཡིན། ཧྭ་ཝེ་ཡིས་མཁྲེགས་ཆས་དང་། OS ཉེར་སྤྱོད་དང་ཞབས་ཞུ་བཅས་ལ་དམིགས་ནས་གཞི་གྲངས་བདེ་འཇགས་ནུས་པ་རྒྱུན་མཐུད་ངང་འཛུགས་དགོས།

ལས་སྒོའི་བཟོ་ལྗོངས། འཚོལ་བསྡུ་བྱེད་པའི་དམིགས་ཡུལ། མི་སྒེར་གྱི་ཆ་འཕྲིན་གྱི་རིགས། བསྡུ་རུབ་བྱེད་སྟངས། མི་སྒེར་གྱི་ཆ་འཕྲིན་ཡིག་དུམ།
ཁ་པར་ཐོ་དེབ་གྲབས་ཉར་/ཕྱིར་འདྲེན་བྱེད་པ། སྒྲིག་ཆས་ཁ་པར་ཐོ་དེབ་གློག་ཀླད་ཀྱི་སྣེར་ཕྱིར་འདྲེན་ནམ་གྲབས་ཉར་བྱེད་པ།(སྤྲིན་ཐོག་ལ་ཡར་སྐྱེལ་མི་བྱེད།) འབྲེལ་གཏུག་མི་སྣའི་ཆ་འཕྲིན། ཉེར་སྤྱོད་བསྡུ་རུབ། འབྲེལ་གཏུག་མི་སྣའི་ཆ་འཕྲིན།
ཁ་པར་ཟིན་ཐོ་གྲབས་ཉར། སྒྲིག་ཆས་ཁ་པར་ཟིན་ཐོ་གློག་ཀླད་ཀྱི་སྣེར་གྲབས་ཉར་བྱེད་པ།(སྤྲིན་ཐོག་ལ་ཡར་སྐྱེལ་མི་བྱེད།) འཕྲིན་གཏོང་གི་ཆ་འཕྲིན། ཉེར་སྤྱོད་བསྡུ་རུབ། ཁ་པར་ཟིན་ཐོ།
གྲབས་ཉར་ཉིན་རེའི་ལས་རིམ་ སྒྲིག་ཆས་ཀྱི་ཉིན་རེའི་ལས་རིམ་གློག་ཀླད་ཀྱི་སྣེར་གྲབས་ཉར་དང་།(སྤྲིན་ཐོག་ལ་ཡར་སྐྱེལ་མི་བྱེད།) ལོ་ཐོ་དང་ཉིན་རེའི་ལས་རིམ། ཉེར་སྤྱོད་བསྡུ་རུབ། ཉིན་རེའི་ལས་རིམ།
འཕྲིན་ཐུང་གྲབས་ཉར་/ཕྱིར་འདྲེན། སྒྲིག་ཆས་འཕྲིན་ཐུང་གློག་ཀླད་ཀྱི་སྣེར་ཕྱིར་འདྲེན་ནམ་གྲབས་ཉར་བྱེད་པ།(སྤྲིན་ཐོག་ལ་ཡར་སྐྱེལ་མི་བྱེད།) འཕྲིན་གཏོང་གི་ཆ་འཕྲིན། ཉེར་སྤྱོད་བསྡུ་རུབ། འཕྲིན་ཐུང་།
སྨྱན་མང་ཡིག་ཆ་གྲབས་ཉར་/ཕྱིར་འདྲེན་བྱེད་པ། སྒྲིག་ཆས་སྨྱན་མང་ཡིག་ཆ་གློག་ཀླད་ཀྱི་སྣེར་ཕྱིར་འདྲེན་ནམ་གྲབས་ཉར་བྱེད་པ།(སྤྲིན་ཐོག་ལ་ཡར་སྐྱེལ་མི་བྱེད།) སྨྱན་མང་གི་ཆ་འཕྲིན། ཉེར་སྤྱོད་བསྡུ་རུབ། པར་རིས། སྒྲ་ཟློས། བརྙན་ཟློས།
ཉེར་སྤྱོད་གྲབས་ཉར། སྒྲིག་ཆས་ཉེར་སྤྱོད་གློག་ཀླད་ཀྱི་སྣེར་གྲབས་ཉར་བྱེད་པ།(སྤྲིན་ཐོག་ལ་ཡར་སྐྱེལ་མི་བྱེད།) སྒྲིག་འཇུག་བྱས་ཟིན་པའི་ཉེར་སྤྱོད་རེའུ་མིག ཉེར་སྤྱོད་བསྡུ་རུབ། སྒྲིག་འཇུག་བྱས་ཟིན་པའི་ཉེར་སྤྱོད་རེའུ་མིག